འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Tuesday 5 March 2013
ཞོགས་པའི་ཉི་ཟེར་གྱི་ས་ཆེན་ལ་འདང་བརྩེ་བསྐྱལ་ཅིང་
གཙང་ཆེན་གྱི་རོལ་མོས་ཚེ་སྲོག་གི་དབུགས་རྒྱུན་གསོ་དུས
སུ་ཞིག་གི་དབྱངས་འགྲོས་ལས་ནར་མ་སོན་པའི་སེམས་པ་དེ་སུ་ཡིན་ན


ཆུ་ཐིགས་ལྟར་སྙི་བའི་དྲན་ཤིང་ནེམ་པོ
ནམ་ཡང་རྨི་ལམ་ལ་བཅོལ་ཞིང
ངལ་དུབ་ཀྱི་ལག་ཟུང་གིས་ཅི་ཞིག་མཐོ་རུ་བསྒྲེངས་ཡོད

ཆེས་སྙིང་དུ་སྡུག་པའི་འཇིག་རྟེན་འདིའི་མིག་འབྲས་ཁོ་ན
ང་ཚོས་གཏན་དུ་བཙལ་ཆོག་པའི་ལྗང་མདོག་གི་ལོག་མལ་ཡིན་ནམ

མ་གཞི་མཛེས་སྡུག་ཁོ་ནས
སྒྱུ་རྩལ་གྱི་བླ་སྲོག་བསྐྲུན་ཐུབ་པ་བདེན་ན
དབྱངས་ཀྱི་འཛུམ་མདངས་ཡོད་ཚད་ཀྱང
ལྷ་ཆེན་གྱིས་སུ་ཞིག་ལ་ཆེད་དུ་གནང་བའི
སེམས་གསོའི་ལེགས་སྐྱེས་ཡིན་ངེས

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment