འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Tuesday 5 March 2013
སྐྱིད་ལ་སྡུག་པའི་མི་ཡུལ་འདིའི་ལག་མཐིལ་ནས
ང་ཁོ་ན  ཁེར་རྐྱང་གིས་བསླངས་དོན་ཅི
གཉིད་མི་ཁུག་པའི་གནམ་མཁའ་རིང་མོ་ཡ
ཁྱེད་ནི་སུ་ཞིག་གིས་ཆེད་དུ་ཁུར་དགོས་པའི་ཉེས་ཆད་ཡིན་ནམ


ཁུ་སིམ་མེར་གཉིད་པའི་ས་གཞིའི་སྙིང་ཁ་ན
བདག་གིས་གཅེར་རྗེན་དུ་མངོན་པའི་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་ལ་ཉན་གྱིན
རྨས་སྐྱོན་ཕོག་པའི་ཕམ་ཉེས་ཞིག་གི་མཇུག་བྱང་འབྲི་བཞིན་ཡོད

འདི་ལྟར    གླུ་ངག་ཅིག་མཛེས་སྡུག་ལ་རློམ་ཤེས་པ་ནས་བཟུང་
ང་རང་འདི་ལྟར་ཁེར་རྐྱང་ཁོ་ནས་དགོད་དགོས་བྱུང་
ཁ་དོག་མེད་པའི་གཟུགས་རིས་ཤིག་དང་ལྷན་དུ
རྣམ་ཤེས་ཀྱིས་བསླངས་པའི་དུངས་ཞེན་ཞིག་གི་སླད་དུ
རང་ཉིད་ངོ་མ་ལ་འདི་ལྟར་འགྲེམས་སྟོན་ཐེངས་ཤིག་བྱ་འདོད
དབུགས་རྒྱུན་ལྷག་མ་དེར་འདི་ལྟར་ངལ་གསོ་ཐེངས་ཤིག་གནང་འདོད

བདག་གི་དཀོན་མཆོག་ལགས
སོང་མ་ཚར་བའི་འཇིག་རྟེན་ནས་ང་རང་འདི་ལྟར་མི་བསྐྱུར་རོགས
རིང་བོར་བསྲིངས་པའི་མཚན་ལྗོངས་སྣུམ་པོ་འདི
ང་ལ་ཆེད་དུ་གཏམས་པའི་རྨི་ལམ་གྱི་སྒོ་མོ་ཡིན་ནམ
ཡང་ན་བདག་གི་སུ་ལའང་བཤད་མི་འདོད་པའི་འགྲེལ་བཤད་གཞན་ཞིག་རེད

མ་གཞི་ང་ནི་ཚུར་ཡོང་དུས་གཅེར་རྗེན་ཡིན་ལ
ཕར་འགྲོ་དུས་ཀྱང་གཅེར་རྗེན་ཡིན་པས
དམར་རྗེན་རྗེན་གྱི་ངོ་གདོང་རློན་པ་འདི
ཨ་མ་ཁོ་ནས་ང་ལ་གནང་བའི་བསླབ་བྱ་ཐོག་མ་ཡིན

ད་ནས་བཟུང་བདག་གིས
གདོད་མ་ནས་མངའ་བའི་རང་ཉིད་ཀྱི་ངོ་གདོང་དམར་རྗེན་དེ་འཚོལ་འདོད
དུས་ཚོད་དང་སྐད་ཆའི་བར་གསེང་ནས་འཚོལ་འདོད
རྨི་ལམ་དང་སྟོང་འདང་གི་སྣེ་མོ་ནས་བཙལ་འདོད
དུངས་པ་འདི་རྫོགས་རག་བར་ཏུ
རྨི་ལམ་དེ་འཇིགས་རག་བར་ཏུ
རང་ཉིད་ཁོ་ནར་འདི་ལྟར་འགྲེམ་སྟོན་ཐེངས་ཤིག་བྱ་འདོད
ང་ཡི་འཇིག་རྟེན་ལགས

༢༠༠༡༡ལོའི་༤པའི་ཚེས༦ཉིན་ལྷོ་ཕྱོགས་སེ་ར་དགོན་དུ་བྲིས།



0 མཆན་བུ་འདེབ་ན་འདིར་ནོན:

Post a Comment