འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Wednesday 2 May 2012

ཞོགས་རླུང་བསིལ་མོས་ཅུང་ཙམ་སྒུལ་ཚེ་ལྗོན་ཤིང་དགའ་བའི་རྐང་བྲོ་བསྒྱུར།།
ཀྱུར་ཀྱུར་བྱེའུ་གསུང་སྐད་སྙན་མོས་དབྱངས་ཀྱི་འཛམ་མདངས་མཁའ་ལ་དྲངས།།
མི་ཚོགས་ནུར་བའི་གོམ་འགྲོས་ཟད་པོས་ས་ཆེན་བྲང་ལ་ཞབས་རྗེས་བརྐོས།།
ཚ་ཡུལ་ཞིང་གི་དབྱར་དཔལ་འདིས་ཀྱང་དེ་རིང་བདག་ལ་སྐྱོ་བ་སྟེར།།

ཐོག་མེད་སེམས་པ་རྡུལ་གྱིས་བསྒྲིབས་དུས་དགའ་སྐྱོའི་ཚོར་བ་གང་དུ་ཡལ།།
ཡིད་ཀྱི་དྲན་གདུང་རླུང་གིས་བསྒུལ་ཚེ་འཇགས་པའི་གོ་སྐབས་སུ་ཡིས་འཕྲོག།
ཡུན་ཐུང་དགའ་སྡུག་རེས་སུ་འཁོར་བའི་མི་ཚེ་འདི་ཡི་མདུན་ལྗོངས་ན།།
ཉི་ཟླའི་འཆར་ནུབ་ཡང་ཡང་བརྩི་པ་རང་སེམས་དམར་པོའི་ཁ་དོག་ཉིད།།

བསིལ་ལྡན་གངས་རིའི་ངོ་གདོང་དཀར་པོར་རྨི་ལམ་ཞིང་ནས་མཇལ་ཐེངས་རེར།།
དྲན་པའི་གདུང་སེམས་མེ་རུ་འབར་་བས་ལུས་ཟུངས་གཉོམ་པོ་སྐམ་ལ་ཁད།།
ཡུལ་གྱར་ལོ་ཟླ་སྐྱིད་དང་མ་སྐྱིད་འདྲིས་པའི་མི་ལ་མ་འདྲི་རོགས།།
གནམ་སའི་བར་ལ་ཡང་ཡང་གཟིགས་དང་སེམས་ཀྱི་ཡིག་འབྲུ་དེ་ན་གསལ།།

ན་མཉམ་གྲོགས་ཀྱི་བརྩེ་འཛུམ་དྲོན་མོ་རྒྱང་རིང་ཡུལ་ནས་བསྐྱུར་བྱས་ཏེ།།
རེ་སྙེག་སྟོང་གི་ནམ་མཁའ་འཇལ་དུས་རང་་སེམས་ངལ་བའི་རྔུལ་ཆུ་མཐོང་།།
འདི་ནི་སུ་ལ་གནམ་གྱིས་གནང་བའི་རྟོག་པ་འཚོལ་བའི་འཆར་ཡན་ནམ།།
ཡང་ན་མི་ཡུལ་བདེ་སྡུག་ཞིང་གི་ངོ་གདོང་གསལ་བའི་སྣང་བརྙན་ལགས།།


༢༠༡༢ a༤  ༡༦ཉིན་བྲིས།

1 མཆན་བུ་འདེབ་ན་འདིར་ནོན:

Post a Comment