འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Monday 23 January 2012


མགོ་ནག་བོད་པའི་སྐྱོ་གདུང་དམར་པོ་གནམ་སའི་བར་ནས་ཁྲག་གིས་ཚོས།།
གསར་ཚེས་ལོ་ཡི་ཁུགས་སོ་རེ་ནས་ལུས་སྲོག་སྒྲོན་པའི་མྱ་ངན་ལུད།།
སྐྱོ་སྡུག་སྟོང་གི་དངན་པ་རིང་མོ་རང་སེམས་གོར་མོར་ཁུར་དུ་ལྕི།།
ཉིན་ཞག་ལོ་ཟླའི་གོག་ནུར་བར་ནས་སེམས་ཀྱི་སྨྲེང་པ་རླུང་ལ་སྐུར།།

གངས་དཀར་ཏི་སེ་སྡུག་གིས་མནན་ནམ་མཛེས་པའི་འཛུམ་མདངས་དབྱིངས་སུ་ཡལ།།
རྨ་འབྲི་རྫ་གསུམ་མིག་ཆུས་བསྣུབས་སམ་མིག་ཆུའི་ཕྲེང་ཐག་རིང་དུ་ཆད།།
ཡངས་པའི་ཐང་ཆེན་གདུང་བས་མནར་རམ་བྲང་ཁོག་དམར་པོ་རྗེན་པར་སྟོན།།
གྲོག་རོང་དམར་པོའི་འཇིགས་རྔམ་རིང་མོ་མུན་ནག་བྲག་ཅས་ཡང་ཡང་བསྐྱོར།།


དམར་པོའི་དཔུང་ལ་སྙིང་རྗེ་བྲལ་ལམ་གཅེས་པའི་སྲོག་ལ་རྩེད་མོ་བྱེད།།
བྱང་ཁོག་སྟོད་ཀྱི་མྱ་ངན་དམར་པོས་འཚོ་བའི་སྙིང་བོ་རིང་དུ་བརླག།
འགྲོ་བར་མི་ཕོད་རྐང་ཆུང་གཉིས་ཀ་སུ་ཡིས་བསྡམས་པའི་འཇིགས་སྐྲག་ཞིག།
སྡོད་དུ་མི་བཟོད་གོམ་ཆུང་བར་ནས་ཉི་མའི་འཆར་ནུབ་རེ་རེ་བོར།།

དྲིན་ཆེན་ཕ་མའི་ཞལ་གསུང་ཐོས་ཀྱང་དུངས་པའི་སེམས་པ་རིང་དུ་བོར།།
འདང་ཆེན་གྲོགས་ཀྱི་སེམས་གཏམ་ཐོས་ཀྱང་ཉན་འདོད་ཡི་ག་གཏིང་ནས་ལོག།
གཅེས་པའི་བུ་ཆུང་འཛུམ་གྱིས་དགད་ཀྱང་སྙིང་དུ་སྡུག་པའི་གོ་སྐབས་བྲལ།།
ནང་མི་བཟའ་ཚང་ལྷན་དུ་འཛོམས་ཀྱང་ཅི་ཞིག་མེད་པའི་གདུང་སེམས་ལྩི།།

ཕྱི་ཡི་སྡུག་བསྔལ་ཁྲི་ཕྲག་ཁུར་བས་སྤོབས་པའི་མགོ་བོ་མ་སྨད་ཀྱང་།།
ནང་སེམས་སྐྱོ་བའི་གདུང་ཚོར་དྲག་པོས་མགོ་བོ་འགྱོག་པའི་བསྐལ་པ་འཕྲོག།
མི་ཚེའི་འཚོ་བའི་སྤྲོ་སྣང་བོར་རམ་མྱ་ངན་ནག་པོས་ཧྲུག་གེར་འཆོས།།
ད་ནི་ཅི་བྱེད་ལོ་ཟླ་རེ་རེ་བསྐྱལ་འདོད་ཡེ་ག་གཏིང་ནས་ཆད།།

ཁུ་སིམ་མུན་པའི་ཀློང་རུམ་འདི་ན་རང་ཉིད་ཁོ་ན་འཁྱག་ནས་ཐལ།།
སྤུན་ཟླ་ཤོར་བའི་ན་ཟུག་དྲག་པོས་སེམས་ཀྱི་ལྷིང་འཇགས་བཅོམ་ནས་ཐལ།།
ཕ་ས་ཤོར་བའི་སེམས་གཅོང་སྟོང་གི་ལུས་པོ་ཤ་ཡང་བྲི་ནས་ཐལ།།
ད་ནི་ཅི་བྱེད་ཡུལ་གྱར་འཚོ་བས་ང་ཡི་རྨི་ལམ་བརླགས་ནས་ཐལ།།

༢༠༡༢ལོའི་ཟླ༡ཚེས་༢༣ཉིན་རང་ཤག་ནས་ནས་བྲིས།