འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Wednesday 10 August 2011
བདག་གིས་རང་ཉིད་ལ་མགོ་བོ་ཡོད་པ་ཤེས་པ་ནས་བཟུང༌། རླབས་ཆེ་བའི་མ་ཡུམ་གྱི་ངོ་གདོང་ཡང་ཡང་དྲན། འདི་ལྟར་བསྐལ་པ་དང་ལོ་ཟླའི་ཕ་རོལ་ཞིག་ནས། བདག་གིས་རང་ཉིད་ཀྱི་མ་ཡུམ་སླར་ཡང་བཙལ་དུས།

    དེ་ནི་མཛེས་སྡུག་གི་ལྷ་མོ་ཞིག་དང་འདྲ་བར། རྨི་ལམ་གྱི་ཞིང་བཀོད་རེ་རེ་ན་འཛུམ་གྱི་ལེར་མངོན། བརྗེད་མི་སྲིད་པའི་དྲན་ཤིང་གི་བློས་བསླངས་ཤིག་དང་འདྲ་བར། དུས་གསུམ་ངེས་མེད་ཀྱི་སེམས་ཁོང་ནས་ནམ་ཡང་གསལ་ལེར་འཁོར་འོང༌། དེ་ནི་ང་ལ་མཚོན་ན་མ་ཡུམ་གྱིས་བཞག་པའི་བག་ཆགས་ཐོག་མ་ཡིན།

 བདག་གིས་རང་ཉིད་བཙལ་ཤེས་དུས། ང་རང་ལྷམ་གོས་གྱོན་མེད་པའི་འབྲོག་ཐང་གི་རྫི་གཡོག་ཅིག་རེད། དེ་ལྟར་ཐང་སྟོང་ལུང་སྟོང་དུ་ནོར་གནག་འཚོ་མྱོང་བའི་བདག་གིས། མེས་པོས་བསླེས་པའི་འུར་ཆ་ཆུང་ཆུང་ཞིག་བཟུང་ནས། རང་ཉིད་ཀྱི་འཚོ་བ་དང་རང་ཉིད་ཀྱི་ཉེན་ཁ་སྲུང་བཞིན་འོང༌།

      ངའི་ཨ་མྱེས་ཀྱིས་བཤད་ན། འུར་ཆས་ཐག་རིང་དང་རི་ལུང་གི་ནོར་ལུག་ལྷས་ལ་བསྡུ་ཐུབ་ཟེར། འུར་ཆས་རི་སྤྱང་དང་དགྲ་ཇག་གི་ཐུབ་ཚོད་ལ་རྡུང་རྡེག་སྤྲོད་ཐུབ་ཟེར། དེ་ལྟར་འུར་ཆ་ཡོད་ས་ནས། ང་རང་སུ་ལའང་སྐྲག་མ་མྱོང༌།

        ཐ་ན་འབྲུག་སྒྲ་ལྡིར་ལྡིར་གྲགས་པའི་དྲག་ཆར་གྱི་ཁྲོད་དང༌། ཡང་ན་ཐལ་རྡུལ་བན་བུན་འཐིབས་པའི་རླུང་འཚུབ་ཀྱི་དཀྱིལ་ནས་ཀྱང༌། ངས་རང་གི་མེས་པོས་བསླེས་པའི་འུར་ཆ་དེ་བཟུང་ནས། ནམ་ཡང་དཔའ་ངར་དང་རྟུལ་ཕོད་ཀྱིས་འཚོས་ཡོད།

     དེ་ནི་ངའི་མེས་པོས་ང་ལ་བཞག་པའི་སྙིང་སྟོབས་དང་ཡིད་ཆེས་ཡིན། དེ་ནི་ངའི་མེས་པོས་ང་ལ་བཞག་པའི་གཅེས་ནོར་དང་བརྩེ་འདང་ཡིན། ངས་འུར་ཆ་ཆུང་ཆུང་དེ་དང་ལྷན་དུ་ཐག་རིང་ཐག་རིང་དུ་ཕྱིན་སོང་བའི་མག་མོག་གི་ལོ་ཟླ་ཞིག་སླར་ཡང་དྲན་བྱུང༌།

      མི་རྣམས་ཀྱིས་བཤད་ན། དུས་རབས་ཉི་ཤུ་ནི་རྫས་འཕྲུལ་གྱིས་ཕྱུག་པའི་ཤེས་རིག་གི་དུས་རབས་ཤིག་ཡིན་ཟེར། སྟབས་བདེ་གློག་འཕྲུལ་དང་རྫས་འགྱུར་དངོས་པོས་བསླུ་བཞིན་པའི་གཤིས་ལུགས་འདིའི་ཁྲོད་ན། ལྐོག་གྱུར་གྱི་ཉེན་ཁ་ནི་ཚེ་སྲོག་ལ་ལྗང་མདོག་བྲལ་བའི་ནང་སེམས་ཀྱི་སྐོམ་གདུང་མིན་ནམ། ད་དུང་ཡིད་ཆེས་བོར་བའི་སྐྱ་ཧྲལ་ཧྲལ་གྱི་ངོ་གདོང་གཅེར་བུ་དག་དང༌། བརྩེ་སེམས་བརླགས་ཟིན་པའི་སྨྱོ་ཧམ་གྱི་ལོངས་སྤྱོད་བྲེད་པོ་ཞིག ཉེན་ཁ་འདིའི་བྱུང་རིམ་རེ་རེ་བསྐྱར་དུ་བཀླགས་དུས། བདག་གིས་སླར་ཡང་རྒྱང་དུ་བཞུད་ཟིན་པའི་རང་ཉིད་ཀྱི་མེས་པོ་དང་མེས་པོས་བསླེས་པའི་འུར་ཆ་དྲན་འོང༌།
                                    2005 - 9 -26   

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment