འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Wednesday 10 August 2011
ཐོག་དང་པོ་ཁ་བ་བབས་པ་ནས་བཟུང༌། ས་ཆེན་གྱི་སྙིང་ཁ་གྲང་ངར་གྱིས་བཟུང་སོང་ཟེར་བ་བདེན་ནམ།
རི་སྒང་གི་གྲིབ་གཟུགས་ཁོ་ནས། འཇགས་སུ་མེད་པའི་གླུ་སྒྲ་ཞིག་མི་ལོ་ག་ཚོད་ལ་རུམ་ཡོད།   སྟོང་འཇགས་ཀྱིས་སྒུལ་བའི་རི་སྤྱང་གི་ངུ་ཟུག་ཡ། ཁྱེད་རང་སུ་ཞིག་གི་ཟུངས་ཁྲག་ལ་བདའ་བའི་འཇིགས་རུང་གི་འབོད་པ་ཡིན། འདི་ལྟར་རི་རབ་ཞིག་གིས་དཔུང་བ་བསྲིངས་ནས། མཚོ་ཆེན་ཞིག་གི་འབྱོར་ཕྱུག་གཞིབས་སོང་བས།རྔམ་བརྗིད་ཀྱི་ལོ་རྒྱུས་རེ་རེ་ལས། ཆག་འཇིག་གི་གྱང་གོག་རེ་རེ་གསལ་ལེར་མངོན།
 ངས་རང་ཉིད་ཇི་ལྟར་མེ་དཔུང་ལ་སྐྲག་དགོས་པ་མི་ཤེས། ཡིན་ནའང་མི་ཚོས་བཤད་ན། སྔོན་ཆད་མེ་དཔུང་མཆེད་ནས། ངའི་ཕ་ཡུལ་གྱི་ཁྲི་རྟ་མང་པོས་སྤྱད་ཆོག་པའི་རྩྭ་ལྗང་ཡང་མེ་ལྕེ་ཡིས་བསྲེགས་སོང་ཟེར། སྔོན་ཆད་ཤེལ་དཀར་བཞིན་དྭངས་པའི་ཕ་ཡུལ་གྱི་གཙང་ཆུ་ཡང་མེ་དཔུང་གིས་བསྐམས་སོང་ཟེར། ཨ་ཙི། མེ་དཔུང་གི་ཧམ་སེམས་ནི་ཇི་འདྲའི་ལོག་སྤྱོད་ཅིག་རེད་ཨང༌། མེ་དཔུང་གི་བཙན་འཛུལ་ནི་ཇི་འདྲའི་ནག་ཉེས་ཤིག་རེད་ཨང༌། 

    དེ་ནས་བཟུང༌། ང་རང་ནམ་ཡང་མེ་དཔུང་དང་ཁ་གཏད་དུ་བསྡད། མདོར་ན། བདག་གིས་ནམ་ཡང་མེ་དཔུང་ནི་རང་གི་འཇིག་ཉེན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
                                                    2005 - 9 -24

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment