འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Wednesday 10 August 2011
    གཉིད་གཉིད་ནས་སད་དུས། ད་དུང་མུན་པ་འཐིབས་འདུག མ་གཞི། མྱི་ནི་མུན་པ་ལ་སྐྲག་པའི་སྲོག་ཆགས་ཤིག་ཡིན་པ་བདེན་ན། བདག་གིས་ཡང་བསྐྱར་མགོ་བོ་བཏུམས་ནས་འདུག་དགོས་སམ། ཡང་ན་ཀི་རིང་ཞིག་བཏབ་སྟེ། ནག་འཐོམ་མེ་གནས་པའི་མཚན་ལྗོངས་རེ་རེ་རྨང་ནས་དཀྲོག་དགོས། འདི་ལྟ་བུའི་མུན་ནག་གི་ཁ་ཕྱོགས་རེ་རེ། བསམ་གཞིགས་ཀྱི་ཁ་ཕྱོགས་རེ་རེ་ཡིན་ནམ། དེ་ལྟར་བསམ་གཞིགས་གིས་མེ་ལྕེ་ཞིག་དང་འདྲ་བར། བདག་གི་དོན་ལྔ་སྣོད་དྲུག་ལ་དམར་བསྲེགས་བྱེད་དུས། དམར་ཧྲེང་ཧྲེང་གི་འབར་རླབས་དེའི་དབུས་སུ། རང་ཉིད་ཁེར་རྐྱང་དུ་ལུས་པའི་དྲན་ཤིང་དམར་པོ། སུ་ཞིག་ལ་ཕུལ་བའི་ལྷག་བསམ་གྱི་རྫོངས་བ་བྱས་ཆོག འདི་ལྟར་གྲིབ་གཟུགས་ནག་པོ་དེའི་ཉེན་ཁར་ཉན་ཐེངས་རེར། རྒྱང་ཐག་རིང་བའི་མཚན་མོ་འདིའི་ནགས་ཁྲོད་ད་དུང་རྒྱང་རིང་ལ་བསྲིངས་འདུག
གལ་ཏེ་སང་ཉིན་ཟེར་བ་ཞིག་ཡོད་པ་བདེན་ན། བདག་གིས་དེ་དུས་ཀྱི་ནམ་མཁའ་ལ་ཞུ་བ་བྱེད་མི་སྲིད། གདོན་གཟུགས་ལྟ་བུའི་བདག་གིས་རང་ཉིད་ཀྱི་མིག་ཆུ་དང་བྲང་རུས་ཀྱི་ལེགས་སྐྱེས་ཤིག་བཟུང་ནས། འཕྲུལ་སྣང་གི་ལྷ་ལ་འབུལ་ལམ། མ་གཞི་ངས་དེ་ལྟར་མཛེས་སྡུག་གི་རྨི་ལམ་རེ་རྨིས་བཞིན། འབྱུང་ངེས་པའི་སང་ཉིན་ཞིག་ལ་སྒུག་ཡོད།
  ང་དང་ཐག་ཉེ་ས་ན་མེ་དཔུང་ཞིག་ཡོད་དམ། བདག་གི་མགོ་ལུས་ཡོངས་རྫོགས་ཚ་སྨུག་གིས་བཟུང་ཞིང༌། མུན་པའི་དཀྱིལ་དབུས་སུ། ང་རང་ལངས་ནས་ཡུད་ཙམ་འགོར་དུས། ཕྱོགས་བཞི་ནས་གྲག་འོངས་པའི་འུར་སྒྲ་ཞིག་གིས། ངའི་རི་ཀླུང་གི་མིག་ཟུང་དང་སྐྱ་རེངས་ཀྱི་བརྩེ་འཕྲིན་རྨས་བྱུང༌།  ཨ། བདག་གི་ས་ཆེན་ཡ། འི་འཇིག་རྟེན་ལ་སེམས་གསོའིདབྱངས་རྟ་ཞིག་གནང་ཆོག་གམ།
མཚན་གང་པོར་སྒུག་སྒུག་ནས་སྡོད་དོན་ཡང༌། མཛེས་སྡུག་གི་རྨི་ལམ་དེའི་ཆེད་དུ་ཡིན། ནམ་ཞིག  རྨི་ལམ་དེས་ངའི་བྲང་གཞུང་དམར་པོ་རྨང་ནས་གཤགས་ཡོང་ངམ། ངའི་ནང་སེམས་ཀྱི་ན་ཟུག་རེ་རེར་རྣོ་ངར་གྱིས་ཟུག་ཡོང༌། ཡང་ན་ངའི་མཐོང་སྣང་གི་ནམ་མཁར་མཛེས་སྡུག་གིས་འཕུར་སྲིད། གང་ལྟར། ང་རང་ཁོར་ཡུག་ཅིག་གི་ཉེས་དམིགས་ལ་སྡང་ཞོར། རང་ཉིད་ལ་འདི་ལྟར་གཤགས་བཅོས་ག་ཚོད་བྱེད་དགོས།                 

མི་ཞིག་སོང་སོང་ནས་ཐང་ཆད་དུས། ཁོ་རང་ཕྱོགས་བཞིའི་འགག་ཕྲེང་རེ་རེ་ལ་ཇི་ལྟར་བརྒལ་ཆོག མཚན་མོ་འཇིགས་རུང་གི་གཡུལ་ས་ཞིག་སྟེ། གཡུལ་ས་དེའི་རལ་གྲི་དང་མདའ་མདུང་གི་སོ་ཁ་རེ་ན། ཆེས་ཡིད་དུ་འོང་བའི་ཚེ་སྲོག་གི་མཆོད་པ་ག་ཚོད་བཤམས་ཡོད།ང་མེ་དཔུང་ཞིག་ཡིན་ན་འབར་ནས་སོང་ཆོག་ལ། ང་གཙང་བོ་ཞིག་ཡིན་ན་བཞུར་ནས་སོང་ཆོག ཡིན་ནའང༌། ང་འདི་ལྟར་འགྲོ་མི་འདོད། བདག་གིས་ཨུ་ཚུགས་དང་དད་འདུན་གྱི་གླུ་སྒྲ་འདི། རང་ཉིད་ཀྱི་སྙིང་ནས་དགའ་བའི་མི་དེ་ལ་མ་གྱེར་གོང༌། ང་རང་འདི་ལྟར་སྟོང་འཇགས་སེ་འགྲོ་མི་འདོད།
སྨག་ནག་པས་དབང་གིས། ཕྱོགས་བཞི་གང་ནས་ཀྱང་ཚེ་སྲོག་གི་གྲིབ་རིས་ཤིག་མཐོང་མ་བྱུང༌། ལྐོག་གཡོ་ལྟ་བུའི་གློག་འོད་ཀྱི་སྤྱན་ཟུང་དང༌། སྨྱོ་ཧམ་ལྟ་བུའི་རི་རྒྱུད་ཀྱི་བརྟན་བརླིང༌། ད་དུང་ང་རྒྱལ་ལྟ་བུའི་ཤིང་སྡོང་གི་ཡལ་ག་རེ་རེ་ཡིས། བདག་གི་འཇིག་རྟེན་ཡོངས་སུ་བསྒུལ་བྱུང་བས། འཇིག་རྟེན་འདི་ན། སྐྱོབ་ངེས་པའི་ལྷ་ཆེན་ཞིག་ཡོད་དམ། མཚན་ལྗོངས་དམར་པོ་ཁྲག་ལུད་བཞིན་འབབ་དུས། ང་ཚོས། དོན་དངོས་ཀྱི་འཇིག་རྟེན་ཞིག་ལ་ད་དུང་བསྒུག་ཆོག་གམ།

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment