འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Thursday 7 March 2013

____སྟོང་ལོ༡༣ལོར་ཡང་བསྐྱར་ནད་ཀྱིས་བཟུང་།
 ནམ་མ་ལངས་པའི་ཡར་སྔོན་དུ།
མུན་པའི་དཀྱིལ་དབུས་སུ་ཡུན་རིང་ལངས་རྗེས།
ང་ཡང་བསྐྱར་ནད་ཀྱིས་བཟུང་སོང་།
དྲག་བསྐྱེད་དཀའ་བའི་ནད་རྙིང་དེས་བཟུང་བྱུང་།


སྐྱི་པགས་དང་རུས་ཚིགས་ཆ་ཚང་ཚ་གཟེར་གྱིས་གང་ཞིང་།
སྤྱི་གཙུག་ནས་རྐང་མཐིལ་མ་ལུས་ན་ཟུག་གིས་བཟུང་བྱུང་

མུན་པའི་མིག་ཟུང་གིས་སྤྲུག་སྤྲུག་ཅི་ཙམ་བཏང་རུང་།
མཚན་མོའི་དབྱངས་འགྲོས་ཀྱིས་སྒུལ་སྒུལ་ག་ཚོད་བྱས་ཀྱང་།
གཟུགས་གཞི་ཧྲིལ་བོ་སྐྱོ་ངལ་གྱིས་འཚོ་དགོས་བྱུང་།

དབང་བོ་སྣ་ལྔ་གཙབ་ཧྲལ་བྱས་སོང་བ་ལྟ་བུའི།
དོན་ལྔ་སྣོད་དྲུག་ཚ་སྲེག་བྱས་སོང་བ་ལྟ་བུའི།
ཐ་ན་ཡན་ལག་རེ་རེ་གསོན་འབྲེག་བྱས་སོང་བ་ལྟ་བུའི།
སྡོད་མི་ཚུགས་པའི་ནད་རྙིང་དེས་བཟུང་བྱུང་།

མུན་པའི་ཕྱི་རོལ་ན།
གདོང་འབག་འདྲ་མིན་དང་སྐད་གདངས་སྣ་ཚོགས་ཀྱིས།
སྨན་བཅོས་དང་མྱུར་སྐྱོབས་ཀྱི་ལས་ལ་ཡང་ཡང་གཟས་ཀྱང་།
ངའི་ནང་དབུགས་ཀྱི་འཕར་རྒྱུན་སྔར་བཞིན་རྒྱུན་ལྡན་མ་རེད།
ངའི་ཕྱི་པགས་ཀྱི་རྣམ་པ་སྔར་བཞིན་བདེ་ཐང་མ་རེད།

གང་ལྟར་ནད་རྙིང་འདི་སྙིང་གི་གས་སྲུབས་ནས་ན་ཟུག་གིས་སྐྱེས་ཤིང་།
རུས་པའི་གཏིང་རིམ་དུ་སྲ་མཁྲེགས་ཀྱིས་ཟུག་པས།

སྙིང་གི་འདེགས་འཇོག་གི་བར་ནས་འགུལ་ཞིང་།
ཁྲག་གི་འཁོར་རྒྱུག་གི་ནང་ན་འཕག་བཞིན་འདུག
ནད་རྙིང་འདི།
ངའི་རྨི་ལམ་དང་མཉམ་དུ་འཕུར་བཞིན་འདུག
འཚོ་གནས་དང་ལྷན་དུ་འདར་བཞིན་འདུག

སུས་ཡིས་ཀྱང་གསོ་མ་ཐུབ་པའི་ནད་རྙིང་འདི།
རང་ཉིད་ཀྱིས་ཐེག་དཀའ་བའི་ནད་རྙིང་འདི།
ནད་རྙིང་འདིས།འདི་ལྟར་རྨེག་མེད་དུ་ཟ་བཞིན་འདུག

༢༠༡༣    ༡༥ཉིན་རྡ་སར་བྲིས།

1 མཆན་བུ་འདེབ་ན་འདིར་ནོན:

Unknown said...

ཟིན་བྲིས་གསར་པ་སྤེལ་སྐབས་དང་པོ་ནས་རྒྱབ་ངོས་ཀྱི་པར་གཞི་ཡོད་མེད་གཟིགས་དགོས། པར་གཞི་འདུག་ན་ཡིག་འབྲི་རྐྱང་པར་ཚུར་ཡིག་སྣོད་དུ་པར་བཤུས་བྱས་ནས་དེ་རྗེས་ཟིན་བྲིས་སུ་བཞག་རོགས་གནང་།

Post a Comment