འཚོལ་ཞིབ།
དྲ་ངོས་ཀློག་གྲངས
ཡིག་སྒྱུར།
ཟིན་བྲིས་ཀྱི་སྡེ་ཚན།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།
འོད་དུ་འཚེར་བའི་སྐད་ཆ།

ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.
About Me
- གཟུངས་ཕྱུག་སྐྱིད་ཀྱི་ཁྱིམ།
- དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།
སྒེར་གྱི་རྒྱུ་ཆ།
གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།
བཀླགས་གྲངས་མང་ཤོས།
-
ཞོགས་རླུང་བསིལ་མོས་ཅུང་ཙམ་སྒུལ་ཚེ་ལྗོན་ཤིང་དགའ་བའི་རྐང་བྲོ་བསྒྱུར།། ཀྱུར་ཀྱུར་བྱེའུ་གསུང་སྐད་སྙན་མོས་དབྱངས་ཀྱི་འཛམ་མདངས་མཁའ་ལ་དྲངས།། ...
-
མགོ་ནག་བོད་པའི་སྐྱོ་གདུང་དམར་པོ་གནམ་སའི་བར་ནས་ཁྲག་གིས་ཚོས།། གསར་ཚེས་ལོ་ཡི་ཁུགས་སོ་རེ་ནས་ལུས་སྲོག་སྒྲོན་པའི་མྱ་ངན་ལུད།། སྐྱོ་སྡ...
-
རྡོ་ལ་འཕྲུ་དཀར་རྙེད་པ། དེ་རིང་ང་གངས་ར་ན་ཡོད། གྲོང་དང་གྲོང་ཚོ་བསྲེས་པའི་གངས་ར་ན་ཡོད། སྐྱེས་དངོས་ཀྱིས་གྲོང་བརྡལ་འདེགས་...
-
བྱ་གཞུང་དབྱངས་བྷ། ཉེ་སྔོན་རྒྱ་ཡིག་གི༼ཀློག་པ་པོ༽ཞིག(༠༩ལོའི་དེབ་བཅུ་པ)ལས་ཁ་བྱང་ལ༼ཕ་གིའི་འཇིག་རྟེན་དབེན་ཐང་ཐང༽ཞེས་པའི་རྩོམ་ཐུང་ཞིག་མཐོང་བ...
-
མི་ཚེའི་དྲན་ཤིང་རིང་མོའི་ཐག་སྣེ་ལ་མདུད་ཅིང་།། ཀུན་ཤེས་གཟུང་འཛིན་ཡིད་ཀྱི་གཏིང་རིམ་ནས་བསླངས་བ།། ནམ་ཡང་བརྗེད་དུ་དཀའ་བ་ཆུང་འདྲིས་ཀྱི་མེ་ཏོག།...
-
༼ཐེ་ཀོར་གྱི་སྙན་ངག << འཇིག་རྟེན་ སྟེང་གི་ཆེས་རིང་བའི་བར་ཐག >> ཅེས ་པ། བོད་བསྒྱུར་བྱེད་མཁན་ འབའ་སྨད་རྒྱ་ལོ་ཚེ་རིང་ ། ~~...
-
ཕ་ཡུལ། གཟུངས་ཕྱུག་སྐྱིད། རྒྱ་གར། རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང...
-
--> བྱ་གཞུང་དབྱངས་བྷ། རི་བོའི་དཔུང་གདང་ཤིག་ཤིག་གི་ཕ་གཞིས ཆུ་མོའི་ལག་གདང་ཤིག་ཤིག་གི་མ་གཞིས རི་ཚོགས་ཀྱི་ཕྱི་ཤུན་འདོར་དུས...
-
དོན་ངོ་མར་སུ་ཡིན་ནམ བཀག་སྡོམ་དང་མུན་ནག་གི་གྲོང་ཚོ བསྐྱར་ཟློས་དང་ཤ་འཁོན་གྱི་འཇིག་རྟེན མི་ཡུལ་འདིའི་འཚོ་སྡོད་ཐེངས་ཤིག་གི་རྗེས...
-
རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང་ རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང་དུས བདག་གིས་ཁྱེད་ཁོ་ནའི་མཛེས་སྡུ...
Tuesday, 5 March 2013
ཁྱེད་ལ འཛད་མཐའ་བྲལ་བའི་གོམས་འགྲོས་འདི་སུ་ཡིས་གནང་སོང་
ཁྱེད་ལ འཇགས་སུ་མེད་པའི་འགྱུར་ཁུགས་འདི་སུ་ཡིས་བསྩལ་བྱུང
བདག་གི་ས་ཆེན་གྱི་སྙིང་ཁྲག་དམར་པོ་ཡ
དཔའ་མཛངས་ཀྱི་སྒལ་རྩ་སྲ་མོ་སུ་དང་འབྲེལ་ཡོད
བསྐྱར་གསོན་གྱི་རྣམ་ཤེས་རིང་མོ་སུ་ལ་བསྲིངས་ཡོད
དེ་རིང་གི་གཙང་ངོགས་ན
ཉ་དྲིའི་སྙིགས་ལུད་ལ་རྔམ་པའི་མི་ཚོགས་ཡོད་ཚད
ནར་མ་སོན་པའི་སྐྱ་མདོག་གི་རྨི་ལམ་ཡིན་ནམ
དེ་རིང་གི་ས་གཞི་ཡངས་པོ་ན
འགྱིག་རྫས་ཀྱིས་སྦགས་པའི་རུལ་སུངས་ཡོད་ཚད
ས་ཆེན་ལ་དྲངས་པའི་དུག་གི་བྱེར་ཁུ་ཡིན་ནམ
ང་འདི་ལྟར་ཁྱེད་དང་ཁ་གཏད་དུ་འགྲེང་སྟེ
ཁྱེད་དང་བདག་གི་སང་ཉིན་གྱི་མིག་འབྲས་འཚོལ་བཞིན་ཡོད
ངས་འདི་ལྟར་ཁྱེད་ཀྱི་བཞུར་རྒྱུན་ལ་སེམས་པ་གླན་ནས
ས་ཆེན་གྱི་སྙིང་ཁམས་དང་དངངས་སྐྲག་ལ་ཉན་བཞིན་ཡོད
ད་དུང་། དེ་རིང་གི་གཟུགས་རིས་གྲངས་མེད་ཀྱི་རེ་སྒུག་ལས
འབྱུང་འགྱུར་གྱི་གདོང་རིས་ཁྲི་ཕྲག་གི་སྐོམ་གདུང་ཀློག་ཐེངས་རེར
ང་རང་འདི་ལྟར་ཁྱེད་ཁོ་ནའི་མཛེས་སྡུག་ལ་འཁྱུད་འདོད་བྱུང
ཆུ་བོ་གངྒཱ འཇགས་སུ་མེད་པའི་ཚེ་སྲོག་གི་དབུགས་རྒྱུན་རིང་མོ
ཁྱེད་ནམ་ཡང་བདག་གི་ས་གཞིའི་ལྗང་མདོག་ལ་འཁྱུད་རོགས
༢༠༡༢ལོའི་ཟླ༡ཚེས་༢༡ཉིན་ཆུ་བོ་གངྒཱའི་འགྲམ་ནས་བྲིས།
Subscribe to:
Post Comments
(Atom)
0 མཆན་བུ་འདེབ་ན་འདིར་ནོན:
Post a Comment