འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།


ཉི་འོད།
(དེ་སྔ་ནོ་པེལ་ཨར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་སྙན་ཚིག་ཅིག)
རྩོམ་མཁན་མི་གསལ། བོད་བསྒྱུར་བྱེད་མཁན་ན་བུན།
ཉི་ཤར་གྱི་དུས་དེ་ནས། བདག་གིས།
ལམ་ཕྲན་གྱི་གོས་དཀར་རྡོག་པས་བརྫིས་བཞིན། ཁྱེད་རང་བཙལ།
ཁྱེད། གྲིབ་གཟུགས་ཀྱི་གཡབ་མོའང་མེད་པར།
ལྷོ་རྒྱུད་ཀྱི་སྤྲིན་གསེབ་བརྒྱུད། ཤར་ལྷོ་ནས་ཁད་ཀྱིས་འཚེར།


གསོལ་ཚིགས་ཀྱི་དུས་སུ།
བདག གཏན་ནས་སད་མ་མྱོང་བའི་སྔ་རོལ་གྱི།
ཁྱེད་ཀྱི་གསེར་མདོག་གི་ཀུ་ཤུ་ལྟ་བུའི་བཞིན་མདངས་དེ་དཔྱངས་ནས།
མུན་པའི་མཁའ་དབྱིངས་འོད་ཀྱིས་སྦར་བའི་སྙིང་རུས་བསྐྱེད་པ།
བདག་གིས། འཕྲུལ་སྣང་དེ་སློང་མོ་བྱས་ཚུལ་ལགས།


སྲོད་དུས་སུ། སྣག་ཚ་ལྟ་བུའི་ནམ་མཁའ་ཡིས།

བདག་ཕྱི་རོལ་ཏུ་བསླུས་ཤིང་། སེམས་ཀྱང་འཁྲུལ་བར་བྱས།
ངས་ནི། སྐྱ་རེངས་ནས་ཉི་ནུབ་དབར། འོད་སྣང་གིས་བཟི་ཞིང་།
དབྱར་གྱི་མིག་མདངས་འོག སྒོར་བྲོ་འཁྲབ་མྱོང་བའང་བརྗེད་ངེས།

མུན་པའི་འགྱུར་ཚུལ་འདི།

མཚན་མོའི་བཙོན་རར་གྱུར་བའི་དུས་དེར།
བདག རྒྱང་རིང་གི་སྐར་ཚོགས་ལ་དབང་བའང་།
ཐ་ཟད་འུ་ཐུག་གི་སྣང་བ་ཞིག


ཟླ་བས་ཀྱང་ད་དུང་། ཁྱེད་ཀྱི་ཤོག་དཀར་ལྟ་བུའི།
འོད་ཟེར་ལྡོག་འཕྲོས་ཀྱི་གཤིན་སའང་། བདག་ལ་གསང་བ་བྱས།
ཁྱེད། སྟོངས་ཆེན་མོའི་དཀྱིལ་འཁོར་ཏུ་བཞུད་རག་བར།
བདག་གིས། ས་སྲོད་རེ་རེར།
ཁྱེད་ལ། མནའ་ཚིག་ཀྱང་ཇི་འདྲིའི་བོར་མྱོང་ཨང་།

ཁྱེད་ཀྱི་དབྱུར་ཁའི་རྟགས་མཚན་དེའི་སླད་དུ། བདག་གིས་ཅིས་ཀྱང་།
ནམ་ཟླ་འདི་ཉིད། རྨེག་མེད་དུ་བཅོམ་ངེས་ཡིན།


འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག
ཐེ་ཀེར་གྱི་སྙན་ངག་ཚན་པ་གཅིག
བོད་བསྒྱུར་བྱེད་མཁན་འབའ་སྨད་རྒྱ་ལོ་ཚེ་རིང་།
འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག་ནི
ཤི་གསོན་མ་ཡིན་པར
ང་ཁྱོད་ཀྱི་མདུན་ཏུ་འགྲེང་དུས་སུ
ཉིད་ཀྱིས་ང་ཁྱོད་ལ་དགའ་བ་མ་ཤེས་པ་དེ་རེད

འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག་ནི
ང་ཁྱོད་ཀྱི་མདུན་དུ་འགྲེང་དུས་སུ
ཉིད་ཀྱིས་ང་རང་ཁྱོད་ལ་དགའ་བ་མ་ཤེས་པ་དེ་ཡང་མ་ཡིན་པར
ཕན་ཚུན་ལ་དགའ་བ་ཤེས་བཞིན་དུ
མཉམ་གཅིག་ཏུ་གནས་མི་ཐུབ་པ་དེ་རེ

འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག་ནི
ཕན་ཚུལ་ལ་དགའ་བ་ཤེས་བཞིན་དུ
མཉམ་གཅིག་ཏུ་གནས་མི་ཐུབ་པ་དེ་ཡང་མ་ཡིན་པར
དྲན་གདུང་ལ་འགོག་ཐུབ་མེད་པ་ཤེས་བཞིན་དུ
བསམ་བཞིན་དུ་རང་སེམས་ན་མེད་ཁུལ་བྱེད་པ་དེ་རེད

འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག་ནི
དྲན་གདུང་ལ་འགོག་ཐུབ་མེད་པ་ཤེས་བཞིན་དུ
སེམས་ན་མེད་ཁུལ་བྱེད་བཞིན་པ་དེ་ཡང་མ་ཡིན་པར
རང་ཉིད་དགའ་བའི་མི་དེ་ལ་འཁྱགས་པའི་སེམས་གཏད་དེ
བརྒལ་ཐུབ་དཀའ་བའི་ཀྱོག་རོང་ཞིག་བཟོས་པ་དེ་རེད།