འཚོལ་ཞིབ།
དྲ་ངོས་ཀློག་གྲངས
ཡིག་སྒྱུར།
ཟིན་བྲིས་ཀྱི་སྡེ་ཚན།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།
འོད་དུ་འཚེར་བའི་སྐད་ཆ།

ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.
About Me
- གཟུངས་ཕྱུག་སྐྱིད་ཀྱི་ཁྱིམ།
- དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།
སྒེར་གྱི་རྒྱུ་ཆ།
གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།
བཀླགས་གྲངས་མང་ཤོས།
-
ཞོགས་རླུང་བསིལ་མོས་ཅུང་ཙམ་སྒུལ་ཚེ་ལྗོན་ཤིང་དགའ་བའི་རྐང་བྲོ་བསྒྱུར།། ཀྱུར་ཀྱུར་བྱེའུ་གསུང་སྐད་སྙན་མོས་དབྱངས་ཀྱི་འཛམ་མདངས་མཁའ་ལ་དྲངས།། ...
-
མགོ་ནག་བོད་པའི་སྐྱོ་གདུང་དམར་པོ་གནམ་སའི་བར་ནས་ཁྲག་གིས་ཚོས།། གསར་ཚེས་ལོ་ཡི་ཁུགས་སོ་རེ་ནས་ལུས་སྲོག་སྒྲོན་པའི་མྱ་ངན་ལུད།། སྐྱོ་སྡ...
-
རྡོ་ལ་འཕྲུ་དཀར་རྙེད་པ། དེ་རིང་ང་གངས་ར་ན་ཡོད། གྲོང་དང་གྲོང་ཚོ་བསྲེས་པའི་གངས་ར་ན་ཡོད། སྐྱེས་དངོས་ཀྱིས་གྲོང་བརྡལ་འདེགས་...
-
བྱ་གཞུང་དབྱངས་བྷ། ཉེ་སྔོན་རྒྱ་ཡིག་གི༼ཀློག་པ་པོ༽ཞིག(༠༩ལོའི་དེབ་བཅུ་པ)ལས་ཁ་བྱང་ལ༼ཕ་གིའི་འཇིག་རྟེན་དབེན་ཐང་ཐང༽ཞེས་པའི་རྩོམ་ཐུང་ཞིག་མཐོང་བ...
-
མི་ཚེའི་དྲན་ཤིང་རིང་མོའི་ཐག་སྣེ་ལ་མདུད་ཅིང་།། ཀུན་ཤེས་གཟུང་འཛིན་ཡིད་ཀྱི་གཏིང་རིམ་ནས་བསླངས་བ།། ནམ་ཡང་བརྗེད་དུ་དཀའ་བ་ཆུང་འདྲིས་ཀྱི་མེ་ཏོག།...
-
༼ཐེ་ཀོར་གྱི་སྙན་ངག << འཇིག་རྟེན་ སྟེང་གི་ཆེས་རིང་བའི་བར་ཐག >> ཅེས ་པ། བོད་བསྒྱུར་བྱེད་མཁན་ འབའ་སྨད་རྒྱ་ལོ་ཚེ་རིང་ ། ~~...
-
ཕ་ཡུལ། གཟུངས་ཕྱུག་སྐྱིད། རྒྱ་གར། རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང...
-
--> བྱ་གཞུང་དབྱངས་བྷ། རི་བོའི་དཔུང་གདང་ཤིག་ཤིག་གི་ཕ་གཞིས ཆུ་མོའི་ལག་གདང་ཤིག་ཤིག་གི་མ་གཞིས རི་ཚོགས་ཀྱི་ཕྱི་ཤུན་འདོར་དུས...
-
དོན་ངོ་མར་སུ་ཡིན་ནམ བཀག་སྡོམ་དང་མུན་ནག་གི་གྲོང་ཚོ བསྐྱར་ཟློས་དང་ཤ་འཁོན་གྱི་འཇིག་རྟེན མི་ཡུལ་འདིའི་འཚོ་སྡོད་ཐེངས་ཤིག་གི་རྗེས...
-
རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང་ རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང་དུས བདག་གིས་ཁྱེད་ཁོ་ནའི་མཛེས་སྡུ...
Monday, 5 September 2011
![]() |
Add caption |
ངོ་གདོང་གཞན་ཞིག
མེ་ལོང་ངོས་ཀྱི་ཁྱེད།
དེ་འདྲའི་འཛུམ་ཙམ་གནང་དོན་ཅི།
ཁྱེད་ཁོ་ནས་བྲིས་པའི་ཡིག་འབྲུ་ཆག་རོ་འགའ།
གློ་བུར་དུ་སུ་ཞིག་གི་ཉི་ནུབ་ཀྱི་བྲང་གཞུང་ལ་ལྷུང་དུས།
རྫུ་བག་ལྟ་བུའི་ཁྱེད་འདི་ལྟར་བྲེལ་ནས་གང་དུ་འགྲོ
ཁྱེད་ཀྱི་རྒྱབ་གཟུགས་ཧྲིལ་བོ།
ཤེལ་སྒོ་ཆག་རོ་ཞིག་ཡིན་པ་བདེན་སྲིད་ན།
སྐག་ཚོས་ཁོ་ནས་མཛེས་སྡུག་བསྐྲུན་ཐུབ་བམ།
ནམ་མཁའ་ལྟ་བུའི་གནས་ལུགས་ཤིག་འདེགས་བཞིན།
རང་ཉིད་ཀྱི་ས་སྲོད་ལ་དྲི་བ་ཡང་ཡང་དྲིས་དང་།
མཐིང་མདོག་གི་ནམ་མཐའ་ན་འཚེར་བའི་རྒྱུ་སྐར་རེ་རེ།
དུས་གཏན་དུ་ཁྱེད་ལ་དུངས་པའི་མིག་ཟུང་ཡིན་ངེས།
ཁ་དོག་ལྟ་བུའི་ཁྱེད། དྲི་བསུང་ལྟ་བུའི་ཁྱེད།
འདི་ལྟར་དམར་མདོག་གིས་བཞུར་དང་།
ངོ་གདོང་དང་ངོ་གདོང་གི་བར་ན་མངོན་པའི།
ལྕགས་རི་དེ་ཇི་འདྲའི་མཐུག་ཡང་།
ཁྱེད་ནི་ནམ་ཡང་འཇའ་གཟུགས་ལྟ་བུའི་བདག་མོ་ཡིན་མི་སྲིད།
བདག་གི་མཛེས་སྡུག་ཡ།
༢༠༡༡ལོའི་ཟླ༨ཚེས་༢༤ཉིན་བྲིས།
མེ་རི་ཞིག་འབར་ཚུལ།
____རང་ལུས་མེ་མཆོད་དུ་ཕུལ་བའི་གྲྭ་ཚེ་དབང་ནོར་བུ་རྗེས་སུ་དྲན་པ།
གྲང་ངར་རུས་རྐང་ལ་ཟུག་པའི་ཕྱི་དྲོ་ཞིག་ལ།
ཧ་ཅང་། ཐག་རིང་ཐག་རིང་ནས་མེ་རི་ཞིག་མཆེད་བྱུང་།
བང་ཆེ་ཞིང་རྒྱུན་རིང་བའི་མེ་རི་ཞིག་མཆེད་བྱུང་།
དེ་ལས།
གྲང་ཤུར་ཤུར་གྱི་སེམས་པ་མང་པོའི། ཆག་འཇིག་གི་ངོ་གདོང་དང་།
དམར་རྗེན་རྗེན་གྱི་གཟུགས་རིས་མང་པོའི། བདེ་སྡུག་དང་འགུལ་བསྐྱོད་མཐོང་བྱུང་།
འདི་ལྟར། སེམས་ཀྱི་ཟབ་ས་ནས་གཟབ་ནན་གྱིས་ཉན་ཐེངས་རེར།
ཚ་ལམ་ལམ་འབར་བའི་མེ་རི་དེའི་དཀྱིལ་དབུས་ནས།
བཙན་པོའི་སྙིང་སྟོབས་ཀྱི་དར་ཆ་ལང་ངེར་འགུལ་བྱུང་ལ།
གཉིད་དུ་ཡུར་བའི་རྩྭ་ཐང་གི་དབུགས་རྒྱུན་སླར་ཡང་ལྡིང་བྱུང་།
ད་དུང་། དམར་ཧྲང་ཧྲང་གི་འབར་སྟངས་དེས།
རི་བོ་ཁྲི་ཕྲག་གི ནང་སྙིང་འབྲུ་བཞིན་པའི་སྡུག་མཚོན་གྱི་སོ་ཁ་བསྟན་ཞིང་།
ཆུ་བོ་སྟོང་ཕྲག་གི་ཁྲག་རྩ་གཅོད་བཞིན་པའི་ནག་ཉེས་ཀྱི་ཡིག་འབྲུ་ཀློག་བྱུང་།
དེ་ལྟར། རི་བོ་ཧི་མ་ལའི་ཉིན་སྲིབ་གཉིས་སུ།
ཚ་ལམ་ལམ་འབར་བའི་མེ་རི་དེ་ནི།
ཚ་དྲོད་མ་འཇགས་པའི་ཟུག་གཟེར་ཞིག་གི་ཁྲག་རྒྱུན་ཡིན་ནམ།
ཡང་ན། ཁ་ཆེམས་ཡིག་འབྲུ་ལ་བྲིས་པའི་གནས་ལུགས་ཀྱི་ཐམ་ཀ་ཡིན།
བདག་གི་གཞོམ་གཞིག་བྲལ་བའི་སྙིང་སྟོབས་ཀྱི་མེ་རི་དམར་པོ།
ཁྱེད་། ས་ཆེན་པོའི་ཐོང་ཀ་ནས་འདི་ལྟར་ང་རྒྱལ་གྱིས་འགྲེང་ཞིང་།
སླར་ཡང་། ས་ཆེན་པོའི་གཏིང་རིམ་ལ་འདི་ལྟར་གཟི་བརྗིད་ཀྱིས་འཐིམ་པས།
གངས་རིའི་ཕྱི་ནང་མ་ལུས།
རུས་ཕྱེ་དཀར་པོ་དེས་ཡོངས་སུ་བཏུམ་འདུག་ཨང་།
༢༠༡༡ ༨ ༢༤ཉིན།